Friday, May 9, 2025

ཤེས་ཡོན་འབྲི་རྩོམ།

 

སློབ་གྲྭ་གི་ཤེས་ཡོན་རྩ་གཞུང་ནང་ལུ་ བརྡ་དོན་འཕྲུལ་རིག་ག་ཅི་སྦེ་ཁག་ཆེཝ་ཨིན་ན།

༉ སྤྱི་ལོ་ ༡༩༩༩ ཚུན་ འབྲུག་གྱི་རྒྱལ་ཁབ་འདི་ རྒྱལ་ཁབ་གཞན་དང་འབྲེལ་བ་འཐབ་ནི་ཕར་བཞག་ རྒྱལ་ཁབ་ནང་ གློག་རིག་ཡོངས་འབྲེལ་དང་འཕྲུལ་རིག་ཚུ་ ག་ནི་ཡང་མེད་པར་སྣོད་སྡོདཔ་ཨིན། (Thompson Gale, ༢༠༠༧) ཨིན་རུང་དུས་ཀྱི་བསྒྱུར་བ་དང་བསྟུན་ སྤྱི་ལོ་ ༡༩༩༩ ལུ་ རྒྱལ་ཁབ་ནང་གློག་རིག་ཡོངས་འབྲེལ་དང་འཕྲུལ་རིག་ཚུ་ལྷོད་དེ་འབད་རུང་ རྒྱལ་ཁབ་གཞན་དང་འཕྱདཔ་ད་འབྲུག་རྒྱལ་ཁབ་འདི་ གོང་འཕེལ་གྱི་ཐད་ཁར་ལྷོདཔ་ད་ ཧ་ལམ་གྱི་རྒྱབ་ཁར་ལུས་སྟེ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཡང་ ཕྱི་རྒྱལ་ཁབ་བཟུམ་ཡར་རྒྱས་འགྱོ་དགོ་པ་ཅིན་གཙོ་བོ་ར་ སློབ་གྲྭ་གྱི་ཤེས་ཡོན་རྩ་གཞུང་ནང་ བརྡ་དོན་འཕྲུལ་རིག་འདི་ཁག་ཆེཝ་ཨིན། འདི་ཡང་ དང་པ་ བརྡ་དོན་འཕྲུལ་རིག་ལས་བརྟེན་ སློབ་ཕྲུག་ཚུའི་རྒྱུད་ལུ་ རིག་རྩལ་སྣ་ཚོགས་འཐོབ་ཚུགས། གཉིས་པ་ བལྟ་རྒྱ་མཐོང་རྒྱ་འཐོབ་ཚུགས། གསུམ་པ་ ན་གཞོན་ཚུ་ མ་འོངས་པའི་གནས་སྟངས་ཀྱི་དོན་ལུ་གྲ་སྒྲིག་འབད་ཚུགས།

སློབ་གྲྭ་གྱི་ཤེས་ཡོན་རྩ་གཞུང་ནང་ བརྡ་དོན་འཕྲུལ་རིག་འདི་གཞི་བཙུགས་འབད་དེ་ཡོད་པ་ཅིན་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ དུས་རབས་ ༢༡ པའི་ནང་དགོ་པའི་ ག་ནི་བ་ཁག་ཆེ་བའི་རིག་རྩལ་ ཨང་ནས་ཅན་(Digital)གྱི་བྲི་ལྷག་ཤེས་ཡོན་གྱི་རིག་རྩལ་ དཔེར་ན་ གློག་རིག་ཀམ་པིཝ་ཊ་དང་ མཉེན་ཆས་ དེ་ལས་གློག་རིག་ཡོངས་འབྲེལ་ཚུ་ལག་ལེན་འཐབ་ཚུགས། ཨང་ནས་ཅན་གྱི་ལག་ཆས་ཚུ་ལག་ལེན་འཐབ་པར་ཅིན་ཁོང་རའི་རྒྱུད་ལུ  གནས་ཚུལ་འཛུན་སྐྱོང་འབད་ནི་དང་ དཀའ་ངལ་སྣ་ཚོགས་བསལ་ནི་ བཟང་པོའི་མནོ་བསམ་བཏང་ནི་ དེ་ལས་མཉམ་རུབ་ཀྱི་ཐོག་ལས་ལཱ་འབད་ནི་ཚུ་ལུ་ ཕན་ཐོགསཔ་ཨིན། (
Alsied, S.M. and Pathan, M.M. 2015) འདི་མ་ཚད་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་མི་ལས་བརྟེན་ དུས་ཚོད་འཛིན་སྐྱོང་འཐབ་ནི་དང་ བཟང་སྤྱོད་དང་འགན་འཁྲི་གི་ཐོག་ལས་འཕྲུལ་ཆས་ཚུ་ ལོང་སྤྱོད་ཚུགས་པའི་མི་ངོམ་གཅིག་ལུ་བཟོཝ་ཨིན། 

བརྡ་དོན་འཕྲུལ་རིག་འདི་ལས་བརྟེན་ སློབ་ཕྲུག་ཚུ་ངར་སྲོལ་རང་ལུགས་ཀྱི་སློབ་ཁང་གི་ས་མཚམས་འདི་ལས་བརྒལ་བའི་ བརྟག་བཞིབ་དང་གསར་རྙད་ཀྱི་ གོ་སྐབས་ཟེར་བལྟ་རྒྱ་མཐོང་རྒྱ་འཐོབ་ཚུགས། ཌི་ཇི་ཊཱལ་ལག་ཆས་དང་ ཡོངས་འབྲེལ་གྱི་མཐུན་རྐྱེན་ཚུ་ལག་ལེན་འཐབ་སྟེ་ སློབ་ཕྲུག་ཚུ་ ཁོང་ར་སྤྲོ་བ་ཡོད་མི་དང་ དགོ་པའི་དོན་ཚན་ཚུ་ཞིབ་དཔྱད་འབད་ནི་དང་ རྒྱལ་སྤྱིའི་ཆ་རོགས་ཚུ་མཉམ་ མཉམ་རུབ་ཀྱི་ཐོག་ལས་ལཱ་འབད་ཚུགས་ནི་ དཀའ་ངལ་བསལ་ནིའི་རིག་རྩལ་ཚུ་གོང་འཕེལ་གཏང་ཚུགསཔ་ཨིན། བརྡ་དོན་འཕྲུལ་རིག་གིས་སློབ་ཕྲུག་ཚུ་ ཡོན་ཏན་ལྷབ་སྦྱང་འབད་ནི་ལུ་ སྤྲོ་བ་དང་བརྩོན་འགྲུས་བསྐྱེད་བཅུག་ནི་དང་ རང་དབང་གི་ཐོག་ལས་ སློབ་སྦྱོང་འབད་ནི་གི་སེམས་ཤུགས་བྱིན་ཚུགས་ནི་ འཕྲུལ་རིག་ལག་ལེན་འཐབ་སྟེ་བརྟག་ཞིབ་འབད་ཐོག་ལས་སློབ་ཕྲུག་ཚུ་གིས་ ཆོས་ཚན་ཚུ་གི་སྐོར་ལས་ལེགས་ཤོམ་འབད་ཧ་གོ་ཚུགསཔ་བཟོ་ནི་ སློབ་ཕྲུག་ཚུ་ཌི་ཇི་ཊཱལ་དུས་རབས་ཀྱི་དོན་ལུ་ གྲ་སྒྲིག་ལེགས་ཤོམ་སྦེ་འབད་ནི་ཚུ་ལུ་ཕན་ཐོགས་ཚུགསཔ་ཨིན།

བརྡ་དོན་དང་བརྒྱུད་འབྲེལ་འཕྲུལ་རིག་ (ICT) གིས་ སློབ་ཕྲུག་ཚུ་ལུ་ དེང་སང་གི་དུས་རབས་ ༢༡ པའི་ནང་ ཁག་ཆེ་བའི་འགན་ཁུར་འབག་ནི་གྱི་གྲ་སྒྲིག་བཟོཝ་ ཨིན། དེ་ཡང་ ཤེས་ཡོན་སྦྱང་ནི་གི་ཉམས་མྱོང་ཡར་དྲག་གཏང་ནི་དང་ ཌི་ཇི་ཊལ་རིག་རྩལ་ཚུ་ སྦྱང་ཚུགསཔ་བཟོཝ་ཨིན། བརྡ་དོན་འཕྲུལ་རིག་གྱི་ལག༌ཆས་དཔེར་ན་ གློག༌རིག་ཀམ་པིཝ་ཊར་དང་ གློག༌རིག་ཡོངས་འབྲེལ་ གློག༌རིག་མཉེན་ཆས་ཚུ་ལག་ལེན་འཐབ་ཐོགས་ལས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་གལ་ཆེའི་བསམ་བློ་བཏང་ནི་དང་ མཉམ་འབྲེལ་དང་བརྒྱུད༌འབྲེལ་གྱི་ཐོག་ལས་ལཱ་འབད་ནི་ གསར་གཏོད་ཀྱི་རིག་རྩལ་ཚུ་ གོང་འཕེལ་གཏང་ནི་ཚུ་ལུ་ཕན་ཐོག་སྦོམ་འབད་ར་འབྱུངམ་ཨིན། (
Chapman, D., and Mählck, L. (Eds). 2004)འདི་མ་ཚད་ བརྡ་དོན་འཕྲུལ་རིག་འདི་ལས་བརྟེན་ རྒྱལ་སྤྱིའི་གནས་སྟངས་དང་གནས་ཚུལ་སྣ་ཚོགས་ལྷ་གོ་ཚུགས་ནི་དང་ ཡོན་ཏན་མ་དྲའཝ་ཚུ་ལྷབ་སྦྱང་འབད་ནིའི་གོ་སྐབས་འཐོབ་ཚུགསཔ་ཨིན། འདི་ལས་བརྟེན་ བརྡ་དོན་འཕྲུལ་རིག་གིས་ སློབ་ཕྲུག་ཚུ་ལུ་ དྲི་ཇི་ཊལ་མི་སྡེ་ནང་ བཅའ་མར་གཏོགས་བཅུག་སྟེ་ མ་འོངས་པའི་ ལཱ་གཡོག་མ་འདྲཝ་ཚུ་ནང་ ཡར་རྒྱས་འགྱོ་ནི་གི་ དབང་ཚད་བྱིནམ་ཨིན།

ཤེས་རིག་གི་སློབ་ཚན་ནང་ལུ་ བརྡ་དོན་འཕྲུལ་རིག་འདི་ མཉམ་སྡེབ་འབད་མི་འདི་གིས་ སློབ་ཕྲུག་ཚུ་གིས་ དབྱེ་དཔྱད་ཀྱི་མནོ་བསམ་དང་ བརྒྱུད་འབྲེལ་ དེ་ལས་ འཕྲུལ་རིག་ལྕོགས་གྲུབ་ཚུ་རྩིས་ཏེ་ ལྕོགས་གྲུབ་མ་འདྲཝ་ཚུ་ བཟོ་ཚུགསཔ་ཨིན། འདི་གིས་ སློབ་ཕྲུག་ཚུ་གིས་ ལག་ཆས་དང་ཐོན་ཁུངས་མ་འདྲཝ་ཚུ་དང་ འབྲེལ་བ་འཐབ་བཅུག་སྟེ་ ཤེས་འདོད་དང་ གསར་འཚོལ་འབད་ནི་ལུ་ སེམས་ཤུགས་བྱིནམ་ཨིན། དེ་མ་ཚད་ བརྡ་དོན་འཕྲུལ་རིག་གིས་ མ་འོངས་པའི་གྲ་སྒྲིག་གི་དོན་ལུ་ གཞི་རྟེན་ལཱ་ཚུ་ བཙུགས་ཏེ་ སློབ་ཕྲུག་ཚུ་ མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ དྲི་ཇི་ཊལ་འཛམ་གླིང་ལུ་ མཐུན་སྒྲིག་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། སྤྱིར་བཏང་ལུ་ ལྷབ་སྦྱང་འདི་ ཕན་ནུས་ཅན་དང་ གྲངས་སུ་བཙུགས་ཚུགསཔ་ དེ་ལས་ མདུན་ལམ་བལྟ་སྟེ་ ཤེས་ཡོན་འདི་ ཡར་སེང་འབདཝ་ཨིན།

 

 

 

Thompson Gale 2007 “Worldmark Encyclopedia of Nations” https://factsanddetails.com/south-asia/Bhutan/Arts_Culture_Sports_Bhutan/entry-7919.html

Alsied, S.M. and Pathan, M.M. 2015. ‘The use of computer technology in EFL classroom: Advantages and implications.’ International Journal of English Language and Translation Studies. 1(1).

Chapman, D., and Mählck, L. (Eds). 2004. Adapting technology for school improvement: a global perspective. Paris: International Institute for Educational Planning.

 

 

 

No comments:

Post a Comment

Reflection on unit 3 (ICT401)

Unit 3 Reflection: Strategies for Teaching Coding Introduction Strategies for Teaching Coding helped me to think what it truly means to teac...