Friday, May 16, 2025

སྙན་ཞུ།

 ཡིག་ཨང ༡།                                     སྤྱི་ཚེས་༡༤/༥/༢༠༢༥། 


                       ཁྱབ་བསྒྲགས།

སློབ་ཕྲུག་ཚུ་ཉེན་སྲུག་དང་ལྡདམ་འབད་བཟོ་ནི་དོན་ལུ་ ཤུལ་མའི་སེར་ཁའི་ སློབ་དུས་ལས་སྣུམ་འཁོར་ཡོད་མི་སློབ་ཕྲུག་ཚུ་ ག་ར་གིས་མཐོ་རིམ་སློབ་གྲའི་བདག་སྐྱོང་ལུ་སྣུམ་འཁོར་ཐོ་བཀོད་འབད་དགོ།

གལ་སྲིད་སྣུམ་འཁོར་ཐོ་བཀོད་མ་འབད་བར་ཡོད་པ་ཅིན་མཐོ་རིམ་སློབ་གྲའི་སྣུམ་འཁོར་བཞག་སའི་ས་ཁོངས་ནང་བཞག་མི་ཆོག་ནི་དང་ཉེས་ཁྲིམས་དང་ ཉེས་ཆད་ཚུ་ཡངས་ཆག་མེད་པར་བཀལ་ནི་ཨིན། ཉེས་ཁྲིམས་དང་ཉེས་ཆད་ཚུ་མི་ཕོག་ནི་དོན་ལུ་སློབ་ཕྲུག་ཆ་མཉམ་གྱི་ཐོ་བཀོད་ཀྱི་བྱི་རིམ་ལུ་གནད་དགོ།


གཙོ་འཛིན། 

བསོད་ནམས་རིན་ཆེན།


ཞིབ་དཔྱད་སྙན་ཞུ།



བཅུད་བསྡུས་སྙན་ཞུ།

ཡིག་ཡང་ ༡
སྤྱི་ཚེས་ ༡༠/༠༥/༢༠༢༥

༊ དྲག་ཤོས་འགོ་དཔོན་མཆོག་ལུ།

ཞུ་དོན། དེ་ནི་ མདང་ཞག་དྲག་ཤོས་མཆོག་གིས་གནང་བའི་བཀའ་རྒྱ་དང་འཕྲིལ་ཏེ་  ཇའི་པྲ་ཀཤ་ཚོང་ཁང་ ཨར་རྐུན་ཤོང་ཡོད་མི་འདི་ ཞིབ་འཚོལ་འབད་དེ་ བཅུད་བསྡུས་སྙན་ཞུ་ཕུལ་ཡོད་ཞུ།

དྲག་ཤོས་ཀྱི་བཀའ་རྒྱ་དང་འཕྲིལ་ཏེ་ ང་བཅས་བསམ་རྩེ་རྫོང་ཁག་གི་ འགག་སྡེ་ང་དང་ཁོང་༤ ཡོང་སྡོམ་༥གིས་ སྤྱི་ཚེས་ ༡༡/༠༥/༢༠༢༥ ལུ་ བལྟ་ཞིབ་འབད་ཡོད་པའི་སྙན་ཞུ་ཕུལ་ནི། དེ་ཡང་ཁ་ཙ་ནུབ་མོ་ ཇའི་པྲ་ཀཤ་ཚོང་ཁང་ནང་ ཁོང་ཕོ་རྒས་གཉིས་ སྒོ་ཤེལ་བཅག་སྟེ་ནང་ན་འཛུལ་ཡོདཔ་མ་ཚད་ ཅ་ལ་ཡང་མཐུ་འབག་ཡོདཔ་ཨིན་མས། ཚོང་ཁང་གི་ཇོ་བདག་ ཇའི་པྲ་ཀཤ་གི་སླབ་མི་ནང་
༡) དངུལ་རྐྱང་ (སྟོང་ཕྲག་ལྔ་བཅུ་ ༥༠,༠༠༠/-)
༢) ཏམ་ཁུ་སྒྲོམ་ ༡༠
༣) ཨོམ་ ཨ་མུལ་ཏ་ཛ་ སྒྲོམ་ ༡༠ དང་
༤) དར་ཚིལ་སྒྲོམ་ ༡༠ དང་ ཁ་བཟས་བཟུམ་གི་ཚོང་ཆས་ཚུ་འབྱང་ཡོདཔ་པས་སླབ་ཡོདཔ་ཨིན།

ང་བཅས་ཀྱིས་ CCTV པར་ཆས་ཚུ་བལྟ་བའི་སྐབས་ དོག་པ་ཅན་གཉིས་ཀྱི་གདོང་ ཁ་ཤ་གི་སྤུར་སྟེ་ཡོདཔ་ལས་ གསལ་རྟོག་རྟོ་གཅིག་འབད་མཐོང་མ་ཚུགས་རུང་ གོང་ལུ་སྐོད་ཡོད་པའི་ཅ་ལ་ཚུ་འབག་འགྱོ་སར་མཐོངཚུགས་ཅི།

དེ་འབདཝ་ལས་དྲག་ཤོས་མཆོག་གིས་ མཛུབ་རྗེས་ཀྱི་མཁས་མཆོག་ཚུ་བཏང་སྟེ་ ཚོང་ཁང་བརྟག་དཔྱད་འབད་དེ་ ཞིབ་དཔྱད་འབད་ནི་ལུ་ ཆ་རོགས་བཛད་གནང་ཟེར་ཞུ་བ་ མཁྱེན་ མཁྱེན མཁྱེན།

(པདྨ་དབང་ཕྱུག།)
དསྐྱུས་མ།
རྒྱལ་གཞུང་འབྲུག་གི་འགག་སྡེ།


སྙན་གསོལ་སྙན་ཞུ།

སྤྱི་ཚེས  ༡༠/༠༥/༢༠༢༥

སྙན་གསོལ།

ཞུ་གསོལདེ་ནི་ སློབ་ཕྲུག་ཚུ་གིས་བར་ན་  རྩེད་རིགས་དང་ལུས་རྩལ།  དེ་ལས་སྡེ་ཚན་གྱི་སེམས་ཤུགས་ཚུ་ཡར་དྲགས་གཏང་ནིའི་དོན་ལུ་ རྐང་རྩེད་འགྲན་བསྡུར་ཅིག་འགོ་འདྲེན་འཐབ་ཆོག་པའི་གནང་བ་ཅིག་བཀྲིན་བསྐྱང་་གནང་ཟེར་ཞུ་ནི་ཨིན་ལགས།  དེ་དང་འབྲེལ་རྩེད་རིགས་འདི་འགོ་འདྲེན་འཐབ་ནིའི་དོན་ལུ་མ་དངུལ་རྩ་ལས་མེད་པ་ལུ་བརྟེན་  འདི་གི་དོན་ལུ་མ་དངུལ་གྱི་ རྒྱབ་སྐྱོར་  ༡༠༠༠༠  ལག་ལེན་འཐབ་ཆོག་པའི་ གནང་བ་ཞུ་ནི་ཨིན་ལགས།

1/ རྟགས་མ་དང་ལག་ཁྱེར་གྱི་དོན་ལུ་ དངུལ་ཀྲམ་ ༤༠༠༠

/  ངལ་སངས་ཞལ་ཟས་ གྱི་དོན་ལུ་ དངུལ་ཀྲམ་ ༤༠༠༠

/ རྐང་རྩེད་ཀྱི་ དོན་ལུ་ དངུལ་ཀྲམ་ ༢༠༠༠

                                                                  

རྡོ་རྗེ་གསལ་སྒྲོན།

རྩེད་རིགས་ཡོངས་དཔོན།

 

 

 

སྲིད་འཛིན།

བསམ་རྩེད་ཤེས་རིག་མཐོ་རིམ་སློབ༌གྲྭ



ལྟ་བཤལ་སྙན་ཞུ།

སྤྱི་ཚེས་ ༡༡/༠༥/༢༠༢༥ ལུ།

ལས་རིམ་འགོ་འཛིན་མཆོག་ལུ།

བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ།

བསམ་རྩེ།

རྩ་དོན། ལྟ་སྐོར་སྙན་ཞུ།

བརྡ་དོན་འཕྲུལ་རིག་སྦྱང་མི་ སྡེ་ཚན་ག་སྡེ་ཚུ་ ཚེས་ ༠༦/༠༥/༢༠༢༥ ཅན་མ་ནང་ བུམ་ཐང་ ཆུ་སྨད་རྒད་འོག་ལུ་ཡོད་པའི་ བུ་ལི་ལྷ་ཁང་མཇལ་བ་འགྱོ་ནི་ བཅའ་སྒྲིག་རྐྱབ་ཅིག། འདི་གི་དྲོ་པ་བཞེས་སྒོ་ཟ་ཞིནམ་ལས་ དྲོ་པ་ཆུ་ཚོད་ ༨ ལུ་ བསམ་རྩེ་མཐོ་རིམསློབ་གྲྭ་གི་བཱསི་ནང་འཛུལ་ཏེ་ ལམ་འགྲུལ་འགོ་བཙུགས་ཅིག། ཉིན་མའི་ཆུ་ཚོད་ ༡༢ དེ་ཅིག་ལུ་ ང་བཅས་ཝཱང་ཁ་ལུ་ལྷོད་དེ་ དེ་ཁར་ལུ་ ཉིན་མའི་བཞེས་སྒོ་ཟ་ཡི། ཉིན་མའི་ཆུ་ཚོད་ ༤ དེ་ཅིག་ལུ་ ང་བཅས་ ཐིམ་ཕུག་ལུ་ལྷོད་ཅིག། དེ་གི་ཕྱི་རུ་ བཞེས་སྒོ་ཟ་ཚརཝ་ཅིག་ དྲོ་པ་ཧ་སག་བུམ་ཐང་འགྱོ་ནི་ཨིནམ་ལས་ ཕྱི་རུ་ཧ་སག་ཉལ་ཡི།

སྤྱི་ཟླ་༥ པའི་ཚེས་༨ གྱི་དྲོ་པ་ ང་བཅས་དྲོ་པ་ཧ་སག་སྦེ་ བཞེས་སྒོ་ཟ་ཞིནམ་ལས་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ བུམ་ཐང་འགྱོ་ནི་འགོ་བཙུགས་ཡི། ཉི་མའི་ཆུ་ཚོད་ ༤ ལུ་  བུམ་ཐང་ལྷོད་པའི་བསྒང་ ང་བཅས་རའི་སློབ་ཁང་གི་ཆ་རོགས་ ཀུན་དགའི་བཟའ་ཚང་གིས་ ཁོང་གི་ཁྱིམ་ནང་འབོ་ཡི། དེ་ཁར་ ང་བཅས་ཕྱི་རུ་ལྟོ་ཡང་ བུམ་ཐང་ལུ་ རང་ལུགས་ཀྱི་བཞེས་སྒོ་ཅིག་ཨིན་མི་ ཁུ་ལི་ཟ་ཡི།

འདི་གི་ནངས་པ་དྲོ་པ་ ཀུན་དགའ་གི་ཁྱིམ་ནང་ལས་རྐང་སྟོང་འབད་ དུས་ཡུན་སྐར་མ་ ༡༠ འགྱོཝ་ད་ བུ་ལི་ལྷ་ཁང་ནང་ཧོད་ཅིག། དགོན་པ་འདི་ ཡུ་ཏོ་ལ་ལམ་ལས་ ཆུ་སྨད་ལུང་གཤོངས་ནང་ མར་འབབ་སྟེ་འོང་པའི་སྐབས་ ལམ་གྱི་གཡོན་ཁ་ཐུག་ལུ་ སྤོ་ཏོ་ཅིག་གུ་ གཡུས་ཚན་ཚུ་གྱིས་བསྐོར་ཏེ་མཐོང་ཚུགས་པས།

ཤིང་གི་ལཱ་མགུ་རྙོག་དྲགས་ ལྷ་ཁང་འདི་ནང་ལུ་ སྒོ་སྒྲིག་གི་གཞི་ཁྲམ་དང་ ཀཝ་ཚུ་རྩིས་ཏེ་ ཤིང་གི་ཆ་ཤས་ཚུ་ ལེགས་ཤོམ་སྦེ་བཟོ་སྟེ་ཡོདཔ་དང་ འཕྲལ་འཕྲལ་སྐབས་ ཚོས་གཞི་འོད་མདངས་ཅན་དང་ རྟགས་མཚན་གྱི་བཀོད་རིས་ཚུ་ ཚོས་གཞི་བཀོད་དེ་འདུག། དཀར་ཆག་དང་རི་མོ། ནང་ན་གི་གྱང་ཚུ་ ནང་པའི་ལྷ་ཚུ་གི་དཀར་ཆག་དང་ གུ་རུ་རིན་པོ་ཆེ་གི་ལོ་རྒྱུས་ དེ་ལས་ ཆོས་ཀྱི་རྟགས་མཚན་ཚུ་ རང་བཞིན་གྱི་ཚོས་གཞི་ལག་ལེན་འཐབ་སྟེ་ ཚོས་གཞི་ཕྱུགཔོ་དང་ འཚོ་བའི་ཚོས་གཞི་ཚུ་ མཛེས་རྒྱན་བཏགས་ཏེ་མཐོང་ཚུགས་པས། རྩ་ཆེ་བའི་སྐུ་འདྲ་དང་ མཆོད་རྟེན་གཙོ་བོ་དང་ གུ་རུ་རིན་པོ་ཆེ་གི་སྐུ་འདྲ་དང་ གཞན་མི་སྲུང་སྐྱོབ་ལྷ་དང་ ཆོས་ཀྱི་སྐུ་འདྲ་ཚུ་ བཞག་སྟེ་ཡོདཔ་ཨིན་པས། དེ་མ་ཚད་ ལྷ་ཁང་འདི་ནང་ལུ་ སྔོན་གྱི་ཆོས་ཀྱི་ཤུལ་དང་ གཏེར་སྟོན་རྡོ་རྗེ་གླིང་པ་གིས་ གསལ་སྟོན་འབད་མི་ གསུང་རབ་ཚུ་ཡང་ བདག་འཛིན་འཐབ་སྟེ་འདུག།

འདི་གི་ནངས་པ་ སེམས་འཁྲུལ་སི་སི་འབད་ལམ་འགྲུལ་འབད་ནི་འགོ་བཙུགས་ཡི། ལམ་འགྲུལ་ ཉིནམ་ ༢ དེ་ཅིག་འབད་བའི་ཐ་མར་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལོག་ཧོད་ཅིག། གནམ་ལོ་ ༢༠༢༥ སྤྱི་ཟླ་ ༥ པའི་ཚེས་ ༡༡ ལུ་ཕུལ།

 

(རྣམ་རྒྱལ་བསོད་ནམས་དཔལ་མོ།)

སློབ་ཁང་ཡོངས་དཔོན།



དབྱེ་ཞིབ་སྙན་ཞུ།


ཡིག་ཨང་ ༠༡༢༣༤༥༦༧༨༩                                              སྤྱི་ཚེས་༠༢/༠༥/༢༠༢༥
གཙུག་ལག་གཙོ་འཛིན་འོག་མ་མཆོག་ལུ། 

གཙུག་ལག་སློབ་སྡེ།

ཤེས་རིག་དང་རིག་རྩལ་གོང་འཕེལ།

ཐིམ་ཕུ།

རྩ་དོན། དབྱེ་ཞིབ་སྙན་ཞུ།

ཞུ་དོན། བསོད་ནམས་གྲོས་སྟོན་ལས་སྡེ་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ མཐུན་རྐྱེན་ཚུ་གི་ གནས་སྟངས་དབྱེ་དཔྱད་འབད་བའིསྐབས་ བརྡ་དོན་འཕྲུལ་ རིག་བརྟག་དཔྱད་ཁང་དང་ དཔེ་མཛོད་ རྩེད་རིགས་དང་ཚན་རིག་སྡེ་ཚན་ དེ་ལས་ གཞན་མི་མཐུན་རྐྱེན་ཚུ་ དམིགས་གཏད་བསྐྱེད་དེ་ ཡར་དྲག་གཏང་དགོཔ་སྦེ་ མཐོང་ཡོདཔ་ཨིན་པས། མཐུན་རྐྱེན་ལ་ལུ་ཅིག་ ལག་ལེན་འཐབ་བཏུབ་ཡོད་རུང་ བརྡ་དོན་འཕྲུལ་རིག་གི་མཐུན་རྐྱེན་དང་མགུད་འབྲེལ་ཚུ་ ཡར་དྲག་གཏང་ནི་དང་ དཔེ་མཛོད ཀྱི་ཐོན་ཁུངས་ཚུ་རྒྱ་སྐྱེད་བཏང་ནི་ ༼ དངོས་གཟུགས་དང་ཌི་ཇི་ཊལ་གཉིས་ཆ་ར་༽ རྩེད་རིགས་ཀྱི་ཅ་ཆས་དང་ལས་རིམ་ཚུ་ ཡར་དྲག་གཏང་ནི་ དེ་ལས་ ཚན་རིག་བརྟག་དཔྱད་ཁང་གི་ ཅ་ཆས་དང་ཉེན་སྲུང་གི་ཐབས་ལམ་ཚུ་ཡར་དྲག་གཏང་ནི་གི་ གོ་སྐབས་ཡོདཔ་ཨིན་པས། འབྲུག་རྒྱལ་འཛིན་གཙུག་ལག་ སློབ་སྡེ་གིས་ཁྱད་དུ་འཕགས་པའི་ ཁས་བླངས་དངའཁྲིལ་ཏེ་ མཐོ་རིམ་སློབ་གྲྭ་འདི་དེང་སངགི་ དུས་མཐུན་བཟོ་ནི་དང་ སློབ་ཕྲུག་ཚུ་གི་ གོང་འཕེལ་ཡོངས་རྫོགས་ལུ་ རྒྱབ་སྐྱོརའབད་ནི་ལུ་ ཐབས་བྱུས་མ་རྩ་བཙུགས་ཐོག་ལས་ གནད་དོན་འདི་ཚུ་ སེལ་ཐབས་འབད་ནི་འདི་ གལ་ཆེ་ཤོས་ཡོད་པའི་སྙན་སྒྲན་ཞུ་བ་མཁྱེན།

(བསོད་ནམས་ཚེ་རིང་དབང་མོ།) 

བསོད་ནམས་གྲོས་བསྟནལས་སྡེ།


གསལ་སྒྲགས།




No comments:

Post a Comment

Reflection on unit 3 (ICT401)

Unit 3 Reflection: Strategies for Teaching Coding Introduction Strategies for Teaching Coding helped me to think what it truly means to teac...